དམར་དམག་དང་འབྲེལ་བའི་གློག་བརྙན་ལ་ལྟ་འདོད་མི་འདུག རྒྱུ་མཚན་ང་རང་དམར་དམག་གི་དུས་རབས་དང་མ་འཁེལ་བས་ཡིན་ནམ། ཡང་ན། དམར་དམག་དང་མཉམ་དུ་བརྒྱུད་མྱོང་བའི་ཨ་མྱེས་དང་ཨ་ཕས་ཆུང་དུས་ནས་དམར་དམག་གི་གློག་བརྙན་ཕུད་དྲགས་པས་དེས་སུན་སྣང་བཟོས་པ་གང་ཡིན་མི་ཤེས་མོད། གང་ལྟར་དམར་པོའི་སྲིད་དབང་ཇི་ལྟར་བླངས་པའིཐད་ཀྱི་གློག་བརྙན་ལ་ལྟ་སྙིང་མི་འདུག
འོན་ཏེ། གནས་སྐབས་འདི་ལྟར་བསྒྱུར་ཞོག ༼སློབ་གྲོགས་ཆ༽ ཞེས་པའི་མུ་འབྲེལ་གློག་བརྙན་འདི་ལྟ་སྙིང་འདོད་བྱུང་། བལྟས་ནས་ཀྱང་ཡིད་ཀྱི་མཚོ་མོ་དྲག་ཏུ་སྐྱོམ་ཞིང་། བལྟས་ཚར་ནའང་རང་དགར་འཇོག་མ་འདོད་པར་བརྙན་དཔྱད་ཅིག་འབྲི་སྙིང་སྐྱེས།
གློག་བརྙན་ནང་གི་མི་སྣ་དག་དམར་པོའི་སྲིད་དབང་དང་འབྲེལ་བ་ཆེ་ནའང་། གློག་བརྙན་རང་དམར་པོའི་སྲིད་དབང་དང་འབྲེལ་བ་ཅི་ཡང་མེད་ཅེས་བཤད་ཀྱང་ཆོག་སྟེ། གློག་བརྙན་འདི་ནི་དགེ་རྒན་ཚོས་ཇི་ལྟར་སློབ་གསོ་བྱེད་པ་དང་སློབ་མ་ཚོས་ཇི་ལྟར་དཔེ་ཀློག་བྱེད་པའི་བརྗོད་གཞི་འདི་དང་དམ་པོར་འབྲེལ་འདུག
༡-དགེ་རྒན་དང་སློབ་གསོ།
ཅི་ལྟ་བུ་ཞིག་ཡིན་ན་དགེ་རྒན་ཞིག་གི་མཚན་ཉིད་ཚང་ངམ། ཐོག་མར་ཐོས་པས་རྒྱུད་ཕྱུག་པ་ཞིག་ངེས་པར་ཡིན་དགོས་པ་དང་། སློབ་མ་ཚོར་བསྟུན་མཁས་པ། འགྲོགས་བདེ་གཤིབ་བདེ་ཡིན་པ། ལྷག་པར་དུ་བསམ་བློའི་མཐོ་ཚད་ཞིག་ནས་འགྲེང་སྟེ་སློབ་མའི་རྒྱུད་འདུལ་མཁས་པ་ཞིག་ཅིས་ཀྱང་ཡིན་དགོས་པ་སྟེ།
སློབ་གཙོ་དཔེ་བཞག་པའི་སློབ་མའི་ཁ་མིག་ཡར་ལྟ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཡང་ནག་ཉེས་གང་ཞིག་ནམ་ཡང་འགེབས་སྲུང་མི་བྱེད་པར་ཐག་གཅོད་པའི་བློ་དང་། ལྷག་ཏུ་སློབ་མའི་སྐྱིད་སྡུག་དང་བསྟུན་ནས་འགྲིག་ཁྲིམས་ཀྱི་ཡང་ལྕི་ལ་བརྟག་པ། དེ་ལས་ཀྱང་ཆེས་ཡིད་འགུག་པ་ནི། སློབ་གསོ་ཁོ་ན་གཙིགས་སུ་བཀུར་ནས་ཕུལ་བྱུང་གི་དགེ་རྒན་གདན་དྲངས་ཏེ་དགེ་རྒན་གྱི་བྱང་ཚད་མཐོར་འདེགས་པ་དང་། སློབ་གྲྭའི་འགྲོ་གྲོན་དང་སློབ་མའི་འཚོ་བའི་གྲོན་དངུལ་སོགས་ཡོད་ཚད་ཁུར་དུ་བླངས་ཏེ་དགེ་སློབ་གཉིས་ལ་སློབ་གསོ་མ་གཏོགས་ཁུར་གཞན་མེད་པའི་མཐུན་རྐྱེན་དཔེ་ལེགས་བསྒྲུབས་ཤིང་། སློབ་མ་ཚོར་ཐོག་དང་པོར་གོ་བརྡ་སྤྲོད་པ་ནི། སློབ་མ་ཞིག་ལ་མཚོན་ན་ཆེས་གལ་ཆེ་བ་ནི་གང་ཡིན་པ་དང་། དཔེ་ཀློག་བྱེད་དོན་ནི་མ་རིག་པའི་མུན་པ་ལས་སངས་ཆེད་ཡིན་པ་དང་། དེ་ལས་སངས་ནས་དམངས་ཀྱི་གོ་རྟོགས་སད་པ་ལ་བརྟེན་ནས་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་ཧུར་བརྩོན་་བྱེད་དགོས་པ་དང་། དཔེ་ཀློག་གིས་ལས་དབང་བསྒྱུར་དགོས་ཤིང་། འཁྲུག་སྐབས་དྲག་པོའི་དམག་ལ་བརྟེན་ནས་གནམ་འོག་བདེ་ལ་འགོད་དགོས་པ་དང་། ཞི་བའི་དུས་རིག་གནས་ལ་བརྟེན་ནས་ནང་སེམས་ཀྱི་བློ་སྦྱོང་ལ་འབད་དགོས་ཚུལ་གྱི་གདམས་པ་གནང་ཞིང་། སློབ་གསོས་མི་རེ་རེ་བཅོས་ཤིང་། མི་རེ་རེ་བཅོས་ན་སྤྱི་ཚོགས་ལེགས་སུ་འགྲོ་བ། སྤྱི་ཚོགས་ལེགས་སུ་སོང་ན་རྒྱལ་ཁབ་དར་བ། དེ་བས་རྒྱལ་ཁབ་ཅིག་དར་དགོས་ན་སློབ་གསོ་ཨང་དང་པོར་འཇོག་དགོས་ཤིང་། སློབ་གསོ་སྐྱོང་དགོས་ན་ན་གཞོན་རྣམས་ཀྱི་བློ་རིག་བསལ་དགོས། ན་གཞོན་དར་ན་་ད་གཟོད་རྒྱལ་ཁབ་དར། ན་གཞོན་ལ་རང་དབང་བྱུང་ན་ད་གཟོད་རྒྱལ་ཁབ་ལ་རང་དབང་ཐོབ། དེ་བས་ན་གཞོན་རྣམས་ཀྱིས་སྦྱངས་པ་གོ་ཆོད་བྱེད་དགོས་ཤིང་། ལུས་ལ་བརྟེན་ནས་རྒྱལ་དོན་ལ་འབད། སེམས་ལ་བརྟེན་ནས་དམངས་སེམས་གསོ། གང་ལྟར། སློབ་གྲྭ་ནམ་ཡང་སྤྱི་ཚོགས་དང་ཁ་བྲལ་ཡ་འཐོར་རུ་འགྲོ་རུ་མ་བཅུག་པར། རང་དོན་ཁྱིམ་དོན་སྡེ་དོན་རྒྱལ་དོན་གཅིག་གི་སྟེང་དུ་འབབ་དུ་འཇུག་མཁས་ཤིང་། སློབ་གྲྭའི་བདེ་སྡུག་ཆེད་རང་སྲོག་འབུལ་བ་ནི་དངོས་གནས་མཆོག་ཏུ་གྱུར་པ་ཞིག་རེད་ཨང་།
མ་ཟད། ད་དུང་དགེ་རྒན་དམ་པ་ཡང་ཁྲང་ཅི་ཁོང་སྟེ། ཐོས་པས་རྒྱུད་ཕྱུག་ཅིང་ཞུམ་མེད་ཀྱི་སྙིང་སྟོབས་ལྡན་པ། སྦྱིན་གཏོང་གི་ཕྱག་ཟུང་རིང་དུ་རྐྱོང་མཁས་པ། སྣོད་རུང་གི་སློབ་མ་འཚོལ་ཤེས་པ་དང་། དེའི་ཆེད་དུ་རང་གི་ནུས་ཤུགས་ཡོད་ཚད་ཕུད་ཐུབ་པའི་བློས་གཏོང་ཅན་ཁོང་ལྟ་བུ་ནི་ང་ཚོའི་ནམ་ཡང་མིག་དཔེ་ཉག་གཅིག་སྟེ། སློབ་ཁྲིད་གཅིག་བྱེད་པ་ལའང་སློབ་ཁྲིད་བཅུ་ཡི་གྲ་སྒྲིག་ཕུན་ཚོགས་དགོས་ཤིང་། གར་སྟེགས་སྟེང་གི་ལོ་གཅིག་ནི་གར་སྟེགས་འོག་གི་ལོ་བཅུ་ཡིན་དགོས་པའི་གཟབ་ནན་དང་བློ་རྒྱ་མངའ། སློབ་མ་ཚོར་ཐོག་དང་པོར་སློབ་ཁྲིད་བྱེད་སྐབས་བློ་སྦྱོང་ལ་འབད་དགོས་པ་ཨང་དང་པོར་འཇོག་ཅིང་། བློ་སྦྱོང་ལ་འབད་དགོས་ན་ཕུགས་བསམ་ལྡན་དགོས་པའི་སྐོར་ནས་གོ་སྐོན་བློ་འགུག་གི་སླིབ་གསོ་གཏོང་ཞིང་། སློབ་མ་རེ་རེར་ཕུགས་བསམ་སྐོར་ནས་དྲི་བ་འདྲི་ཞིང་། རང་གི་ཕུགས་བསམ་གླེང་སྐབས། དཔོན་སར་མི་སྙེག རྒྱུ་ནོར་མི་འཚོལ། དབུལ་ཕྱུག་དང་ཚ་གྲང་གང་ཡིན་རུང་། རང་ཤག་སྦྱིལ་བུའི་ལྡིང་ཁང་ནང་ནས་བདེ་ལ་འདུག་ཞོར། སློབ་ཁྲིད་སློབ་གསོ་ལ་བརྟེན་ནས་མཐའ་མར་སློབ་མ་ཚོས་རང་རང་ས་ནས་རང་རང་གི་ཐད་ཀ་ནས་གནམ་འདེགས་ཀྱི་ཀ་བ་རེ་ཉན་པ་དེ་གཅིག་པུས་ཡིད་ཚིམ་པའི་བློ་རྒྱ་དེ་ནི། ང་ཚོའི་དགེ་རྒན་ཚོའི་དམིགས་བྱ་ཉག་གཅིག་པུ་མིན་ནམ། ད་དུང་སློབ་མ་སྣོད་རུང་ལ་ཤེས་བྱ་གཅིག་པུས་མི་ཆོག་པར་ནུས་པ་སྦྱོང་བརྡར་གཉིས་མཉམ་འགྲོ་མཉམ་གཤིབ་ཡིན་དགོས་པའི་གདམས་པ་གནང་ཞིང་། སློབ་མའི་གོ་རྟོགས་དང་བློ་རྒྱ་བསྐྱེད་ཆེད་དུས་ཚོད་གང་ཡོད་དེའི་ཆེད་དུ་ཕུལ་ཞིང་། སློབ་མ་སྣོད་ལྡན་ཁ་ཤས་བསྐྱེད་བསྲིང་བྱེད་པའི་ཤེས་རྒྱ་དང་བློ་རྒྱ། ཕུགས་རྒྱང་སོགས་ནི་དངོས་གནས་ཕྱག་འཚལ་དགུ་ཕྲུགས་བྱེད་པའི་གནས་ཡིན།
ད་དུང་བྱ་བའི་གལ་ཆེན་གྱི་ཕྱོགས་ནས་ནམ་ཡང་སློབ་མ་རིས་རུ་མི་འདོར་བར། སློབ་མ་ལ་བློ་གཏད་ལིངས་སྐྱུར་བྱེད་ཅིང་། མཐའ་གཅིག་ཏུ་སློབ་མའི་ཕྱོགས་སུ་ལངས་ནས་སློབ་མ་སྒོར་ཕུད་དགོས་ན་དགེ་རྒན་ང་ཡང་སྒོར་ཕུད་རོགས་ཟེར་ཞིང་། སློབ་མའི་འཇོན་ནུས་ལ་མཐོང་ཆེན་ལས་སློབ་མའི་རྩལ་ནཡས་འབུར་འཇོམས་མི་བྱེད་ཅིང་། སྒྲིག་ཁྲིམས་ཁོ་ནས་སློབ་མ་གཅུན་ཐབས་མི་བྱེད་པར་དགེ་རྒན་ཚོས་རང་འགུལ་ངང་འགྲིག་ཐབས་ཡོང་བར་བྱེད་པ། རང་ཚོས་ཀྱི་རྩ་འཛུགས་ཚོ་ཆུང་མང་པོ་འཛུགས་པར་སྐུལ་མ་དང་རྒྱབ་སྐྱོར། སློབ་གསོ་གཏོང་མཁས་པ་དང་། སློབ་མའི་ནོར་འཁྲུལ་གང་ཡིན་རུང་བྱུང་རྒྱལ་དུ་ཐག་གཅོད་མི་བྱེད་པ་དང་། སློབ་གསོ་གཏོང་སྟངས་སྣ་གཅིག་མ་ཡིན་པར་ནམ་ཡང་ཐབས་མཁས་ཇུས་ལེགས་ཀྱིས་སློབ་མ་སྐྱོང་བ། སློབ་མ་ཞིག་འཕྱུག་སོང་བ་ཡིན་ནའང་ཁྱོདརང་ནོར་སོང་ཞེས་མཐའ་གཅིག་ཏུ་གཤེ་གཤེ་གཏོང་བ་མ་ཡིན་པར། སློབ་གསོ་བཏང་བ་ལ་བརྟེན་ནས་སློབ་མར་རང་ཤུགས་ཀྱིས་ང་ནོར་སོང་ཞེས་ཁས་ལེན་དུ་འཇུག་མཁས་པའི་སློབ་གསོ་གཏོང་སྟངས་ཐབས་མཆོག་དེ་འདྲ་བ། མདོར་ན། དགེ་རྒན་ནི་སློབ་ཁྲིད་སྐབས་ཀྱི་དགེ་རྒན་གཅིག་པུ་མ་ཡིན་པར། འཚོ་བ་དང་དཔེ་ཀློག ཁྱིམ་ཚང་། མི་སྒེར་གྱི་དཀའ་ངལ་སོགས་ཡོད་ཚད་ཀྱི་ཐོག་ནས་སྣེ་སྟོན་དང་ཁྲིད་སྟོན་བྱེད་མཁས་པའི་དགེ་རྒན་མཚན་ཉིད་དང་ལྡན་པ་ཏག་ཏག་རེད་ཨང་། འདི་འདྲ་བ་ནི་ད་གཟོད། ང་ཚོའི་མིག་སྟོན་དང་དཔེ་ལེགས། བཀུར་བྱ་དང་སློབ་སྦྱོང་གི་གནས་སུ་འོས་ལ། མིག་སྔའི་དགེ་རྒན་ཚོར་ཞིབ་བསྡུར་ཞིག་བྱས་ཚེ། ད་གཟོད། བར་ཁྱད་དང་བར་ཐག ངེད་ཚོའི་ནོར་འཁྲུལ་དང་མ་འཁྱོང་ས་། ཐ་ན་ནག་ཉེས་སོགས་ཀྱང་ཞར་དང་ཞོར་ལ་ངེས་ཤེས་ཟབ་མོ་འདྲོངས་སུ་འཇུག
༢- སློབ་མ་དང་སློབ་སྦྱོང་།
ཡང་ཅི་ལྟ་བུ་ཞིག་ན་སློབ་མ་མཚན་ཉིད་དང་ཚང་བ་ཞིག་ཡིན་ནམ། སྔགས་ཕྱོགས་ནས་སློབ་མ་ཞིག་ལ་ཚང་དགོས་པ་མང་པོ་ཡོད་མོད་ཀྱང་། སྤྱིར་བཏང་དུ་བློ་གསལ་ཤེས་འདོད་བླ་མས་གུས་པ་ཞིག་ཡིན་ན་དེས་མ་ཆོག་པ་མེད་པར་འདོད་དེ། ཀླ་ཀློའི་རྒྱུད་ཅིག་གམ་བློ་མི་གསལ་བ་ཅིག་མ་ཡིན་པར་ཤེས་པ་དང་བློ་མ་གཞི་ནས་གསལ་བོ་ཡིན་དགོས་ཁར། དེའི་ཐོག་ལ་ནམ་ཡང་རྒྱུད་ན་ཤེས་འདོད་ཀྱི་བློ་དེ་མེད་དུ་མི་རུང་ཞིང་། ཅི་ཞིག་སྐོམ་པས་ཆུ་འདོད་པ་དང་ལྟོགས་པས་ཟས་འདོད་པ་ལྟ་བུའི་ཤེས་འདོད་ཀྱི་བློ་ཡོད་ན། ད་གཟོད་བརྒྱ་ལ་བློ་གསལ་བོ་དེ་འདྲ་མ་ཡིན་པར་རིག་རྡིབ་ཅིག་ཡིན་ནའང་ཤེས་འདོད་ཆེ་ན་རང་བཞིན་གྱིས་སྐྱོང་དུ་རུང་བ་དང་། ཤེས་འདོད་ཆེ་ན་རང་བཞིན་གྱིས་བླ་མར་གུས་བཀུར་བྱེད་ངེས་པས། བློ་གསལ་ཤེས་འདོད་ཅིག་ངེས་པར་མ་ཡིན་ཐབས་མེད་ཡིན།
ཁོང་ཅག་ལ་མཚོན་ན། མི་ཚང་ཕལ་བ་ཏག་ཏག་ནས་སྐྱེས་པའི་འབྱོར་པ་དམན་པའི་སློབ་མ་དག་ཡིན་ནའང་། ནམ་ཡང་ཤེས་བྱ་རིག་གནས་སྦྱོང་འདོད་ཀྱི་གདུང་བ་ཆེ་ཞིང་། ཚ་བས་གདུང་། ཁོ་ཚོས་ཤེས་བྱའི་གནས་གང་ལའང་འབད་པས་བསྟེན་ཅིང་དཔེ་ཀློག་སྐྱོར་སྦྱངས་ཀྱིས་མཚམས་མི་འཇོག་ལ། དགེ་རྒན་དང་ལྷན་དུ་ཐོས་བསམ་དང་དོགས་འདྲི། ཉན་རྐྱང་མི་བཤད་པར་ཁེར་ཚུགས་ངང་བསམ་བློ་གཏོང་རྒྱུར་བྲེལ་ཞིང་། དཔེ་ཆ་རྐྱང་བ་ཀློག་པ་ཙམ་ཡང་མ་ཡིན་པར། ནམ་ཡང་དཔེ་ཆ་དེ་འབྲེལ་གྱི་དཔེ་ཆ་མང་པོ་ཀློག་སྟེ་ཟིན་བྲིས་ཀྱིས་དཔེ་དེབ་ངོས་གང་ཞིང་། ཡང་དཔེ་ཀློག་རྐྱང་པ་མ་ཡིན་པའི་དཔེ་ཀློག་བགྲོ་གླེང་སྤེལ་ནས་མཚན་ཉིད་དང་རྩོམ་རིག་གི་མཐོ་སར་སྙེག་ཅིང་། ནམ་ཡང་དཔེ་ཀློག་ལས་ཁ་རྣ་ཡོད་ཚད་བཀབ་སྟེ་དངོས་ཡོད་ཀྱི་སྤྱི་ཚོགས་ལ་དོ་འཁུར་མི་བྱེད་པ་དེ་འདྲ་ཡང་གཏན་མ་ཡིན་པར། དུས་དང་བབསྟུན་པའི་གཏམ་གླེང་ཞིང་། སྤྱི་ཚོགས་ཀྱི་དམར་སར་འབབ། ནམ་ཡང་ར་བ་དང་སྒྲོམ་གང་རུང་ཞིག་ཏུ་ཚུད་དུ་མ་བཅུག་པར་ལྟ་རྒྱ་དང་མཐོང་རྒྱ་བསྐྱེད་ཅིང་། དེང་གི་བྱ་བའི་འགན་འཁུར་དེ་གཞན་ན་མེད་པར་ང་རང་ཚོའི་ཕྲག་སྟེང་ན་ཡོད་པའི་ཁུར་ཆེན་ལེན་ཞིང་། མི་རིགས་དར་ཞིང་སྟོབས་པ། མི་དམངས་བདེ་ཞིང་སྐྱིད་པ། སྤྱི་ཚོགས་ཞི་ཞིང་ཕྱུག་པ། ཡོད་ཚད་ན་གཞོན་ལ་རག་ལས་པས། ན་གཞོན་ངེད་ཅག་གིས་སྙིང་རུས་བསྐྱེད་ཅིང་ཤ་ཐང་འབད་ཐང་བྱེད་དགོས་པ་དང་། དེ་དང་བསྟུན། རང་བཞིན་གྱིས་ཁོ་ཚོའི་དམིགས་འབེན་མཐོ་ཞིང་ཕུགས་རྒྱང་རིང་བ། ལག་ལ་བྲིས་དང་ཁ་ལ་གཏམ་རང་བཞིན་གྱིས་འབྱོར་བ། ས་གཞི་གདན་དུ་བཏིངས་ཤིང་ནམ་མཁའ་མལ་དུ་འདིང་བ། ཉི་ཟླ་ངའི་མགོ་ཐོག་ཏུ་གནས་ཤིང་། རི་ཀླུང་ངའི་རྐང་འོག་ཏུ་གནས། གནམ་ས་ངའི་སེམས་ཁོང་དུ་གནས། ཞེས་པའི་འདི་འདྲའི་དཔའ་གདེང་དང་ཆོད་སེམས་རྙེད།
དེར་མ་ཟད། ཡོད་ཚད་དཔེ་ཆའི་ཁྲོད་ནས་འཚོལ་བ་དང་རྙེད་པ་གཅིག་པུའང་མ་ཡིན་པར། ལག་ལེན་དངོས་ལ་གཞོལ་བ་དང་། ཆར་ཤ་ཅི་འདྲ་ཆེ་ནའང་རི་བོར་འགོ འུར་ཟིང་ཅི་འདྲ་ཆེ་ཡང་མནོ་བསམ་གཏོང་། རི་ཆུ་ནགས་གསུམ་ཉུལ་ཞིང་སྲང་ལམ་ཤར་ནུབ་བརྟོལ། ཆུ་དང་གཙང་པོ་བརྒལ་ཞིང་། ལ་དང་ལུང་པ་བརྒྱུད། སྐྱེ་བོ་མཆོག་དམན་བར་གསུམ་ཐུག མདོར་ན། སྐྱེ་དགུ་མ་ལུས་སྟེང་ནས་རིག་པ་འཚོལ། ཡུལ་བསྐོར་ལྗོངས་རྒྱུའི་ཁྲོད་ནས་ཐོས་པ་འཚོལ། འབྲུ་མེད་ཡིག་ཆེན་བཀླགས་ནས་གནས་ལུགས་འཚོལ། གནམ་འོག་དོན། ཀུན་ལ་གནས་ལུགས་ཡོད། དཔེ་ཆར་རློམ་རྐྱང་བྱེད་པ་ལས། དཔེ་ཆ་མེད་པས་དགའ། འབྲུ་ཡོད་པའི་དཔེ་ཆ་བཀླག་དགོས་ཀྱང་། དེ་ནི་བེམ་རོ་ཉིད་དང་མཚུངས། དོན་ཀུན་རྟོགས་ན་ཐོས་པ་འཚོལ་དང་འདྲ། དེ་བས་བུ་སློབ་ཚོས། རི་ཀླུང་རྩི་ཤིང་དང་། གནམ་སའི་སྐྱེ་རྒུ་ཁྲོད། འབྲུ་མེད་ཡིག་ཆེན་ཀློགས། འབྲུ་མེད་གནས་ལུགས་འཚོལ། དེ་བས་ན། ཁོ་ཚོས་སྔོན་བྱུང་སྐྱེས་ཆེན་ཚོས་རེས་མོས་ངང་ལོ་ངོ་བརྒྱ་རེར་གནམ་སར་ཁ་ལོ་བསྒྱུར། ད་ལྟའི་གནམ་སའི་དར་རྒུད་འདི་ལ། སུ་དང་གང་གིས་བདག་པོ་རྒྱག ཅེས་གད་རྒྱངས་སྒྲོག་ཅིང་ཀི་རིང་འདེབས།
འདི་ནི་ད་གཟོད་ཤེས་བྱ་དང་ནུས་པ་མཉམ་སློབ་ཞེས་པ་དེ་མིན་འགྲོ ལྷག་པར་དུ་ཤེས་བྱ་དང་རིག་གནས། མི་རིགས་དང་རྒྱལ་ཁབ་ལ་བརྩེ་གདུང་ཇི་ལྟར་ཟབ་པ་དེ་བཞིན་གྱིས་རང་སོ་སོའི་མ་ཡུམ་ལ་བརྩེ་གདུང་དེ་ལྟར་ཟབ་ཅིང་། ཚིག་གཅིག་གིས་སྨྲས་ན། མ་ཡུམ་ཚོས་སྐྱིད་ཅི་ཡང་བརྒྱབ་མ་མྱོང་། ཁོ་ཚོས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར། ལས་ཡ་་་་ལས་ཡ་་་ཐང་ཆད་རག་བར་དུ་ལས་ཤིང་། ལས་མི་ཐུབ་རག་བར་དུ་ལས། ལས་ནས་ལུས་གང་ནད་ཀྱིས་ཁེངས་སུ་བཅུག ནད་བྱུང་རྗེས་སྟོན་ས་མེད་པས། དེ་ལྟར་རང་སར་བསྐྱུར་ནས འགོར་འགྱངས་བྱས་ནས། མཐར་ནད་ཆུང་ཆུང་ནད་ཆེན་དུ་གྱུར། ནད་ཆེན་པོ་་་་་་་་་གང་ལྟར་ཁོ་ཚོར་རང་འདུག་ཅིག་མེད་ལ། ཅིག་ཁོམ་ཚེ་ལུས་གང་གཟེར་ཞིང་མནར་གྱིན་ཡོད། ཞེས་པས་མ་ཡུམ་ཡོངས་ཀྱི་སྐྱིད་སྡུག་རྗེན་ནེར་བསྟན་ཡོད། འདི་ལྟ་བུའི་མ་ཡུམ་ལ་བཅངས་པའི་བརྩེ་གདུང་དང་། ཕུ་ནུ་ལ་བཅངས་པའི་ལྷག་བསམ། མི་རིགས་དང་སྤྱི་ཚོགས་ལ་བཅངས་པའི་ཆོད་སེམས། ཐག་ཉེ་ས་ནས་བསླབ་པ་དོན་གཉེར་རིང་དུ་མ་དོར་ཞིང་། ཐག་རིང་ས་ནས་སྤྱི་པའི་བདེ་སྡུག་འཁུར་དུ་ལེན་མཁས་པ་སོགས་ཀྱི་ཡོན་ཏན་འཛོམས་པའི་ཕར་ནང་ནས། ང་ཚོས་རྒན་ལ་བཀུར་བ་དང་ཆུང་ལ་བྱམས་པ། མི་ཆོས་ཀུན་སྤྱོད་སོགས་ནི་ཆུང་དྲགས་པས་མ་གླེང་ཀྱང་ཆོག་གོ།
དེ་བས། སློབ་མ་ཞིག་ལ་མཚོན་ན་འདི་དག་གི་སྤྱོད་ཡོན་ལྡན་ཚེ། ང་ཚོས་ད་དུང་ཅི་ཞིག་གི་རེ་བ་འཛིན་ནམ། སློབ་མ་ཞིག་ལ་མཚོན་ན། ཆེས་གལ་ཆེ་བ་ནི་སློབ་སྦྱོང་ཡིན་པ་སྨྲས་མ་དགོས་ཤིང་། སློབ་སྦྱོང་ཡང་དཔེ་དེབ་དང་དཔེ་དེབ་མ་ཡིན་པ། འབྲུ་ཡོད་པ་དང་འབྲུ་མེད་པ། བསླབ་དེབ་ནས་སྤྱི་ཚོགས་སོགས་ལ་ཁྱབ་པར་བྱས་ནས་ཡོད་ཚད་སྦྱངས་རི་བ་དང་། སྦྱོངས་རྒྱ་ཡོད་པ་ཞིག་གི་ཚད་ལ་ཐོན་ཚེ། ད་གཟོད། དེ་ནི་སློབ་མ་ཡིན་ལ་ཡང་སློབ་མ་མ་ཡིན། ད་གཟོད། དེ་ནི་སློབ་སྦྱོང་ཡིན་ལ་སློབ་སྦྱོང་ཡང་མ་ཡིན་ནོ།།
༣-ལུས་སྦྱོང་།
སྤྱི་བའི་བྱ་གཞག་གང་ཞིག་བསྒྲུབ་པའམ། ཡང་ན་མི་རང་གི་འགྲོ་འདུག་ཉལ་འཆག་གང་ལངའ་སྟོབས་དང་ལྡན་པའི་ལུས་པོ་ཞིག་ནམ་ཡང་མེད་དུ་མི་ེུང་བ་ཡིན་པ་སྨྲས་མ་དགོས། དེ་བས། ང་ཚོས་ལུས་སྲོག་ལོངས་སྤྱོད་མཐའ་དག་ཟེར་དུས། སྔོན་ལ་ལུས་གཙོར་བོར་འཇོག་པ་དང་། སྟོན་པས་ཀྱང་དཀའ་བ་དུ་མ་སྤྱད་ནས་ལུས་པོ་སྡུག་གི་མཐའ་ལ་བསྐྱལ་བསྐྱལ་བའི་མཐའ་མར། འོས་འཚམ་ངང་ལུས་པོ་གསོས་པ་ལ་བརྟེན་ནས་མཐར་ཐར་བའི་ལམ་སྣ་ཟིན་པ་ཡིན།
གསར་བརྗེ་བའི་སྐད་ཆ་ལྟར་བཤད་ན། ལུས་པོ་ནི་གསར་བརྗེའི་མ་རྩ་ཡིན། དེ་བས། སྟོབས་དང་ལྡན་པའི་ལུས་པོ་ཞིག་མེད་ན་དགྲ་འདུལ་གཉེན་སྐྱོང་ཕར་ཞོག ཐ་ན་འགྲོ་འདུག་ཉལ་འཆག་ཙམ་ལའང་དཀའ་ངལ་ཆེན་པོ་འཕྲད་ངེས་པས། ང་ཚོས་ཅིས་ཀྱང་ལུས་ཕོངས་སྦྱོང་བརྡར་ལ་དང་དོད་ཆེན་པོ་བྱེད་དགོས།
གློག་བརྙན་ནང་ལྟར། 文明其精神 野蛮之体魄 ཟེར་བ་ནང་ལྟར། སྟོབས་དང་ལྡན་པའི་ལུས་པོ་ཞིག་ནམ་ཡང་གསོ་དགོས་ལ། དེའི་ཆེད་དུ་ཉིན་རེའི་སྦྱངས་བ་མེད་དུ་མི་རུང་ལ། ཐ་ན་དམག་ནང་བཞིན་རང་ཉིད་ཀྱི་ལུས་པོར་དཀའ་བ་དུ་མ་ཁུར་དུ་ལེན་དུ་འཇུག་དགོས། ནངས་སྔ་ལངས་བྱས་ཏེ་འགྲོས་དལ་བའི་ངང་རྒྱུག་འདུར་ལྷོད་དགོས་ལ། སྒོམ་དུ་གནས་ནས་རྩ་རླུང་སྒོམ་དགོས། མ་ཟད། ཆར་ཆུ་རླུང་འཚུབ་ཀྱིས་བྲན་དུ་འཇུག་དགོས་ལ། ཆུ་ལ་ཞུགས་ཤིང་བྲག་ལ་འགོས། སྟག་མོའི་མཆོང་རྩལ་དང་། སེང་གེའི་འགྱིང་སྟབས། ཝ་མོའི་འགྱུར་སྟངས་སོགས་ལ་སློབ་ནས། ལུས་ཕོངས་པོ་བདེ་ལྕུག་ལྡན་ཞིང་ཟུང་ཁྲགས་ཁོལ་དུ་འཇུག་དགོས། དེ་འདྲའི་དཀའ་ཐུབ་རྡོ་རུས་ཐུག་པ་བྱས་ནས་མཐར་ལུས་སྲོག་ལྕགས་ཀྱི་རྡོ་རྗེ་གྲུབ་པ་ཡིན་ན། ད་གཟོད། མི་འདོད་ནད་དང་འགལ་རྐྱེན་བར་ཆད། གནོད་པའི་དགྲ་སོགས་ཀྱིས་རང་དགར་ནམ་ཡང་གླགས་མི་འཁེལ་ཞིང་། རང་ལུས་བདེ་ན་རང་སེམས་སྐྱིད་པོ་ཡོང་བ་དང་། རང་སེམས་སྐྱིད་པོ་ཡོང་ན་ད་གཟོད་རང་གི་འདུན་མ་དང་ཕུགས་རྒྱང་ཆེད་ཧུར་ཐག་བྱེད་ཐུབ་ལ། རང་ལུས་བདེ་བ་ལ་བརྟེན་ནས་གཞན་རིགས་སྒྲོལ་བའི་གྲུ་ཆེན་བྱེད་ཐུབ་པའང་མིན་ནམ།
༤-གཞན་དག
རང་དབང་གི་བརྩེ་དུང་ལ་སྙེག་པའི་བློ་སྤོབས། སྲོལ་རྒྱུན་ལ་མཐའ་གཅིག་ཏུ་རྒོལ་ཐུབ་པའི་དཔའ་ངར། ཕ་མ་བུ་ཕྲུག་གི་སྐྱིད་སྡུག་སོགས་བརྗོད་པའང་ཡིད་འགུལ་ཐེབས་པ་ཞིག་རེད།
འོན་ཏེ། དཔའ་གདེང་ལང་ཚོ་ལྡན་པའི་སློབ་གྲོགས་ཆ། མང་ཤོས་ཤིག་གི་ཚེ་ཡི་འདུ་བྱེད་ཐུང་དྲགས་པས། རླབས་ཆེན་གྱི་བྱ་གཞག་མངོན་དུ་འགྱུར་མ་ཐུབ་པ་ནི་ཡིད་སྐྱོ་བ་ཞིག་རེད། དེ་ལས་ཀྱང་ཡིད་སྐྱོ་བ་ནི། སྔོན་ཆད། མཐའ་གཅིག་ཏུ། སྲོལ་རྒྱུན་གྱི་ལུགས་སྲོལ་རྙིང་བ་ལ་རྒོལ་བ་གཏོང་ཞིང་། འདྲ་མཉམ་དང་རང་དབང་། སྒེར་གཤིས་བརྩོན་ལེན། སྒེར་གཅོད་ལ་ཁ་རྡུང་བཏང་ནས་དམངས་གཙོ་བརྩོན་ཞིང་། རང་དབང་གི་གཉེན་སྲོལ། རིགས་ཀུན་ལ་བརྩི་འཇོག སློབ་གསོ་གཙིགས་ཏུ་བཀུར་བ། རྙིང་གཏོར་གསར་བརྗེ་བྱས་ནས་རང་དབང་གི་སྐྱ་རེངས་ཤིག་བསུ་འདོད་ཀྱི་དཔའ་ངར་དང་ཆོད་སེམས། ལ་རྒྱ་དེ་རྗེས་སུ་རྨང་ནས་བོར་ཏེ། སྔར་ལས་ཀྱང་སྒེར་གཅོད་དང་བྲན་གཤིས་སྤེལ་བ་དེ་ནི། ཆེས་ཡིད་ཕམ་སྐྱེས་འོས་ཤིང་བློས་མི་དཔོག་པ་དང་། ཧ་ལས་ཧོན་འཐོར་བ་ཞིག་རེད། འདི་ནི་སྔ་འདང་ཕྱི་འདང་གང་བརྒྱབ་རུང་། ཆེས་འཇིགས་ཡེར་བ་དེ་ཅིས་མ་ཡིན་ནམ།
<沁园春.长沙>, 独立寒秋,湘江北去,橘子洲头。看万山红遍,层林尽染;漫江碧透,百舸争流。鹰击长空,鱼翔浅底,万类霜天竞自由。怅寥廓,问苍茫大地,谁主沉浮。 携来百侣曾游,忆往昔峥嵘岁月稠。恰同学少年,风华正茂;书生意气,挥斥方遒。指点江山,激扬文字,粪土当年万户侯。曾记否,到中流击水,浪遏飞舟。
看剧虽然不算多,但总归已有一二,先前看完一部剧时,会有意识地提醒下自己不妨写篇剧评,但总因自认水平疏浅而夭折。但看完这部《恰同学少年》后,想写点什么的想法太难以抑制,虽将至深夜,但想趁着刚刚看完的余温,做以简略记录。
——————————
对教员的尊崇,并非因此而起,但却因此而深。辛亥革命后二十世纪十年代,正值教员韶华岁月,与之后二三十年国共内战及抗战的混乱相比,这时倒也显得相对平静。但教员之非同一般,已初露端倪。从凭借大气磅礴、贯通内外的作文一举夺魁,一直到临危不惧、救长沙城于三千溃军之下,虽仅仅二十三集,却将主席这一时期,塑造得立体而饱满。
但真正让我印象最为深刻的,却是有毛泽东、萧子升、蔡和森、向警予和陶斯咏等人的这一读书小组。让我印象深刻的有几个场景:雨夜诵诗、群聚而思想争鸣、春游横渡湘江而聚于橘子洲头、为工人夜校招生而起舞于街头······此外、主席晨浴晨读、同学与老师间的交流、同学之间不掺杂私心的互助、面对不合理规则时敢于表露和坚持的任性、毛萧二人的暑期游学,同样让我回味无穷。我心中的迷雾渐渐拨开,一直困扰着我的问题渐渐有了眉目。这问题就是,青春该是什么模样的,换言之,我想要的青春是何样的。
高二时,凭着好似虚无缥缈的情怀,毅然决然地从理科班转到文科班,因为在我的想象中,文科班应该是“指点江山激扬文字”的、应该是“家事国事事事关心”的、应该是“思想自由学术争鸣”的。可真正发生的是,政治课不是放眼寰宇而是枯燥的术语,同学不是指点江山而是勾心斗角,学术不是激扬文字而是填鸭式教条式的教学。此后,我在理想与现实的强烈割裂下、在适应教育和高考的压力下,度过了剩余的两年高中时光。
现在,上大学了,可校园墙上常见有关选课的问题不是“哪位老师的学术造诣高”而是“哪位老师给分高/容易过”,内卷背景下同学间更常见的好似是相互间的谨慎和自私,课堂上尤其是公选课最活跃的地方是屏幕上的双手,寝室里不见执书而谈但见游戏里搏命厮杀,虽故不乏勤奋用功的同学,但前面所提到的他们,若看完这部剧,可否会感到羞愧而迷途知返?
幸甚,在我仍恰同学少年之时,看完了《恰同学少年》,明白了何以“恰同学少年”。青春该是什么模样?该是雨夜诵诗的浪漫,该是主席一看书店就走不动就被吸引的求知若渴,该是像毛蔡二人那样熄灯后仍秉烛夜读的惜时如金,该是众人为夜校招生时那样的想象力创造力和行动力,该是主席虽年少但已心系人民和国家的家国情怀,该是毛萧二人一拍即合暑期游学的激情和胆识,该是“独立之精神,自由之思想”,该是拥有文明之精神的同时不忘“野蛮其体魄”······
也正如陈独秀在《新青年》发刊词中所写的那样:“青年如初春。如朝日。如百卉之萌动。如利刃之新发於硎。”
——————————
另1:
这是一部怎样的电视剧?
这是一部每一个上大学的人都应该看的剧;
这是一部告诉你毛泽东为何是毛泽东的剧;
这是一部在我看时每看到一个真实人名就立刻查其生平或感叹或唏嘘的剧; 这是一部我多想能用当今先进的影音技术重新拍摄但又怕被流量废物们糟蹋的剧;
这是一部值得反复观看不断回味思考的剧;
这是一部我青春时期的启蒙剧······
——————————
另2:
《沁园春·长沙》
独立寒秋,湘江北去,橘子洲头。看万山红遍,层林尽染;漫江碧透,百舸争流。鹰击长空,鱼翔浅底,万类霜天竞自由。怅寥廓,问苍茫大地,谁主沉浮?
携来百侣曾游,忆往昔峥嵘岁月稠。恰同学少年,风华正茂;书生意气,挥斥方遒。指点江山,激扬文字,粪土当年万户侯。曾记否,到中流击水,浪遏飞舟?
这部剧是我高考第一年看得,当时我就深深被吸引了,堪称良心之作。这部剧让人看完之后,心中宏志顿生,有感当年毛主席那批人的才华横溢,志向高远,和现在的学生相比,那时候的学生更加珍惜学习。剧中毛泽东、蔡和森、萧子升、向警予等人人物性格鲜明,具有很深的人格魅力,其中最喜欢蔡和森。
青春正好,风华正茂,当立志报国,勤学向上。原来沉重的历史也可以这么阳光有朝气。
少年智则国智,少年富则国富,少年强则国强,少年独立则国独立,少年自由则国自由,少年进步则国进步,少年胜于欧洲则国胜于欧洲,少年雄于地球则国雄于地球。
hhhhhh还会唱片尾曲噢2333
很好看。青春是最美好最令人感动的,这在任何一个时代都一样。
一部让你找到为什么是毛这个答案的电视剧
呜呜呜,没想到我一个浑身负能量的人竟然被这部电视剧感动得热泪盈眶。要是主旋律电视剧都这样拍,那我肯定早就入党了。
毛润之 启是没读过几本书的喽喽們能够妄评的
想当年,强迫我们看还要写观后感。。。
改变我价值观的一部电视剧 且拍得很美
唤起心中潜藏的那股热血。
经世致用。问苍茫大地,谁主沉浮
喜欢向警予~~~
不管是否真实以及主席苏,但是里面的朝气和蓬勃,确实感受到了。少年确实应该活成这样,学习,锻炼,游学,心怀天下,不拘小节。
少年强则国强,重看一遍!仍然觉得~~~这是难能可贵的好剧,全剧时时刻刻流露出一股朝气是如今大多数甚至是全部电视剧所缺少的!
这是我的童年记忆,也很自然的解决了我的一些苦闷。我多希望,我能够与同学们一起朗诵李白,朗诵梁启超。我有多希望这是我的青春生活,我的每一天。众志成城永远比孤军奋战好。在这样的青春里,只有激情友情信仰,没有空洞乏味,话题,行事永远是大我而非小我。
想整理一个"这TM也是湖南卫视拍的电视剧"豆列!拯救大众的刻板印象!
刘俊卿将《少年维特之烦恼》的自行私译本送给了赵一贞,与我而言是最浪漫的表白。萧子升说鸡兔同笼函数求解对现实毫无用处,与我的心声完美重合。恰同学少年,意气风发的美好,古白话表述方式真是酣畅,少年意气多迷人多美好。
毛爷爷年轻时对知识的渴望和对自我的反思打动了我。我觉得中国青年都该看看这部剧,朝气蓬勃意气风发,比现在某些无病呻吟的青春片不知道高到哪里去了。这才是青春该有的样子。
小时候看过几眼。